[128B] །དཀོན་མཆོག་གསུམ་ གྱི་རྟེན་ལ་སྔགས་འདི་ལན་རེ་བརྗོད་ཅིང་བརྐྱང་ཕྱག་རེ་བྱས་ཏེ་ཕྱག་གསུམ་བྱས་ན་སྡེ་སྣོད་གསུམ་བྲོས་[?]པ་དང། བསམ་པ་དང་བསྒོམས་པའི་བསོད་ [129A]༄༅། །ནམས་དང་མཉམ་པར་འགྱུར་རོ། །ཉི་མ་རེ་རེ་ཕྱག་གསུམ་གསུམ་བྱས་ན་ཚེ་འདི་ཉིད་ལ་མཐོང་པའི་ལམ་གྱི་ཡེ་ཤེས་ ཀྱི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །དེ་མ་ཐོབ་ཀྱི་བར་དུ་མི་དང། མི་མ་ཡིན་པ་དང། འབྱུང་པོ་དང། ནད་རིམས་ཀྱི་གནོད་པ་འབྱུང་བར་མི་འགྱུར་རོ། །ཨོཾ་ན་མོ་ མཉྫུ་ཤྲི་ཡེ། ན་མཿ་སུ་ཤྲི་ཡེ། ན་མ་ཨཏྟ་མ་ཤྲི་ཡེ་སཱཧཱ། ཕྱག་བྱ་བའི་གཟུངས་རྫོགས་སོ།། །།